99208
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། གདམས་ངག་གསུམ་ལ་གསུམ་ཚོ་ལྔ་ཡོད་པའི་ནང་གསེས་ཀྱི་གསུམ་ཚོ་གཅིག་སྟེ། སེམས་ཀྱི་བསམ་པ་དག་པར་བྱ་བ་དང། ངག་གི་བརྗོད་པ་དྲང་པོར་བྱ་བ་དང། ལུས་ཀྱི་སྤྱོད་པ་ལེགས་པར་བྱ་བ་བཅས་གསུམ་མོ། །ཐུན་མིན་ལྟར་སྦྱར་ན། སེམས་དྲན་རྟོག་དོན་དམ་པར་དེ་བཞིན་ཉིད་རང་བྱུང་གི་ཡེ་ཤེས་སུ་ཤར་བས་ལོག་པར་མི་དམིགས་པ་བསམ་པ་དག་པ་དང། ངག་དོན་དམ་པར་མི་བརྗོད་རྒྱལ་བའི་གསུང་ལ་སྐྱོན་བཞི་མ་སྤངས་བྲལ་བར་རྟོགས་པས་བརྗོད་པ་དྲང་པོ་དང། ལུས་དོན་དམ་པར་རིལ་རྒྱལ་བའི་མཛད་པ་ལ་ལེགས་ཉེས་བྲལ་བ་ནི་སྤྱོད་པ་ལེགས་པར་སྤྱད་པ་བཅས་གསུམ་མོ། །དེ་ཡང་། མདོ་དགོངས་པ་འདུས་པའི་ལེའུ་གཉིས་པ་ལས། བསམ་པ་དག་པར་བྱའོ། །བརྗོད་པ་དྲང་པོར་བྱའོ། །སྤྱོད་པ་ལེགས་པར་བྱའོ། །ཞེས་གསུངས་སོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་པ་སྤྱོད་པའི་གདམས་ངག་གསུམ་
|; |@@@ | | }}