99209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པའི་གནང་བཀག་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། རྩ་བ་བཞི་ལ་གནང་བཀག་མེད། །ཡན་ལག་བྱེ་བྲག་ཅན་དུ་གནང་། །ན་སོ་ཡུལ་དུས་མགྲོན་ནད་གནང་། །དེ་ལས་ལྡོག་པ་བཀག་པ་ཡིན། །ཞེས་གསུངས་པ་ལྟར། སྲོག་གཅོད་ལ་སོགས་རྩ་བའི་ཁྲིམས་ལ་བསྲུང་བ་དང་མ་བསྲུང་བའི་རིགས་གཉིས་སུ་མེད་ཅིང་རྒྱུན་དུ་མ་ཉམས་པ་བསྲུང་དགོས་པས་གནང་བཀག་མེད་པ་དང་། རྩ་བཞི་ལས་གཞན་པའི་ཡན་ལག་གི་ཁྲིམས་ལ་གནང་བ་ཡོད་པ་ནི། འབྲས་བུ་ཐར་པ་བསྒྲུབ་པའི་རྟེན་དལ་འབྱོར་གྱི་ཕུང་ཁམས་འདི་གསོ་བ་བྱེད་པའི་ཐབས་ནད་པ་རང་ལ་དུས་མིན་དུ་ཁ་ཟས་ཟ་བ་ལ་སོགས་གནང་བར་བསྟན་པ་ལྟ་བུའོ། །
Domain ཆོས་ལུགས།

{{#arraymap:སྡོམ་པའི་གནང་བཀག་

|; |@@@ | | }}