99210

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པའི་ངོ་བོ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་དབྱིངས་དག་ལས། དྲང་སྲོང་ལས་སོགས་རང་རང་ཁྲིམས། །ཤེས་གོམ་རྒྱུད་ལ་ཆགས་པའོ། །སྡོམ་པའི་མཚན་ཉིད། ཞེ་སྡང་ལ་བྱམས་སེམས་སྡོམ་པའི་འུབ་ཆུབ་པ་ནི་མཚན་ཉིད་དོ། །སྡོམ་པའི་དབྱེ་བ། དག་གཙང་རི་དྭགས་འདྲ་བ་ཕྱི་ཡི་སྡོམ་པ་དང་། རིག་འཛིན་ནང་གི་སྡོམ་པའོ། །སྡོམ་པའི་གྲངས། སྤྱི་གྲངས་ཕོ་ལ་ཉིས་བརྒྱ་ལྔ་བཅུའོ། །མོ་ལ་རང་བསྣན་སུམ་བརྒྱ་དྲུག་ཅུའོ། །བསྙེན་གནས་ཡན་ལག་བརྒྱད། དགེ་བསྙེན་གཏན་ཁྲིམས་སྣ་ལྔ། གཙང་གཙུག་བཅུ་གསུམ་དང་སུམ་ཅུའོ། །སྡོམ་པའི་ངེས་ཚིག ཉོན་མོངས་ཐམས་ཅད་སྡོམ་པའི་སྡོམ་པའོ། །ལུས་ངག་ཡིད་གསུམ་ཉེས་འབྱུང་སོམ་པའོ། །ལས་སོགས་ཐ་དད་སྡོམ་པའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་པའི་ངོ་བོ་

|; |@@@ | | }}