99212

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པའི་ཉུལ་ལེ་དུས་ལྷ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། གནམ་སྟོང་ལ་ཚངས་པ་ནག་པོ་ཉུལ་བས། གཤེན་རབ་མི་བོ་བསྒོམ་པར་བྱ། བསྙེན་པ་ནི། བསྭོ་ཨཱོྃ་ཨ་རམ་ཡོད་ཐ་ཕཊཿ དྲངས་པས། བསྐལ་པ་ཁྲི་ཡི་སྒྲིབ་པ་བྱང་། མུ་གེའི་བསྐལ་པ་ལས་ཐར་ནས། དམྱལ་བ་ལས་ཐར་པར་འགྱུར། བཅོ་ལྔ་ལ་ལམ་ལྔ་འཕྲང་གཅོད། བདུད་ཐར་པ་ནག་པོ་ཉུལ་བས། གཤེན་ལྷ་འོད་དཀར་བསྒོམ་པར་བྱ། བསྙེན་པ་ནི། ཨ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། དྲངས་པས། བསྐལ་པ་སྟོང་གི་སྒྲིབ་པ་དག མཚོན་གྱི་བསྐལ་པ་ལས་ཐར་ནས། ཡི་དྭགས་ལས་ཐཪ་པར་འགྱུར། ཚེས་བརྒྱད་ལ་ཁྱབ་འཇུག་རང་བསླུས་ཉུལ་བས། སྨན་ལི་བྱིན་འཕྲུལ་གྱི་རྒྱལ་པོ་བསྒོམ་པར་བྱ། བསྙེན་པ་ནི། བསྭོ་ཨཱོྃ་བ་བཱ་དེ་ན་ཧཱུྃ་ར་ས་ཡ་ན་གཡུ་འབྲང་བདུད་རྩི་ཨཱོྃ་ཧཱུྃ་བསྭོ་ཐཱ། དྲངས་པས། བསྐལ་པ་བརྒྱ་ཡི་སྒྲིབ་པ་སྦྱངས། ནད་ཀྱི་བསྐལ་པ་ལས་ཐཪ་ནས། བྱོལ་སོང་ལས་ཐར་པར་འགྱུར། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་པའི་ཉུལ་ལེ་དུས་ལྷ་

|; |@@@ | | }}