99216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པའི་བསྔོ་བ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། ཕོ་ཁྲིམས་མོ་ཁྲིམས་ལ་སོགས་པ། །དྲང་སྲོང་གཙང་གཙུག་དགེ་བསྙེན་དང་། །བསྙེན་གནས་རང་རང་ཚུལ་ཁྲིམས་ཐུབ། །རྩ་བ་ཡན་ལག་རེ་རེ་སོ་སོར་བསྔོ། །སྲོག་གཅོད་སྤངས་ཐུབ་བདག་གཞན་དོན་དུ་བསྔོ། །སྐྱེ་རྒས་ན་འཆི་སྡུག་བསྔལ་བྲལ་བར་བསྔོ། །དེ་བཞིན་རྩ་བ་ཡན་ལག་ཐམས་ཅད་བསྔོ། །ཞེས་གསུངས་པ་ལྟར། དེ་ལ་བསྔོ་བའི་རྒྱུ་ནི་ཕོ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང་མོ་ཁྲིམས་སུམ་བརྒྱ་དྲུག་ཅུ་ལ་སོགས་བསྲུང་བའི་ཕན་ཡོན་ཅི་མཆིས་པ་ཐམས་ཅད་དང་། བསྔོ་མཁན་ནི་ཚུལ་ཁྲིམས་བསྲུང་བའི་གང་ཟག་དྲང་སྲོང་པ་དང་། གཙང་གཙུག་པ། དགེ་བསྙེན་པ། བསྙེན་གནས་པ་རྣམས་སོ། །བསྔོ་ཚུལ་ནི་འགྲོ་བ་གཞན་གྱི་དོན་དུ་རང་རང་གིས་རྩ་བ་དང་ཡན་ལག་གི་བསྲུང་བྱའི་ཁྲིམས་དང་མ་འགལ་བའི་སྡོམ་པ་བསྲུང་བའི་ཕན་ཡོན་གང་མཆིས་པ་ཐམས་ཅད་མ་ལུས་པ་སོ་སོ་ནས་མཐར་ཐུག་རྣམ་མཁྱེན་ཐོབ་པའི་ཆེད་དུ་བསྔོ་བ་བསྟན་པའོ། །
Domain ཆོས་ལུགས།

{{#arraymap:སྡོམ་པའི་བསྔོ་བ་

|; |@@@ | | }}