99217

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་པའི་བསླབ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། གནང་བ་རྣམས་ནི་བུ་བཞིན་གསོ། གནང་བ་རྣམས་ནི་ལོངས་སྤྱོད་ནོར་བཞིན་བཅང་། ན་བཟའ་གོས་དྲུག་སྤྱོད་ལམ་བགོ རིན་ཆེན་རྫས་ལྔ་དབྱིག་ལྟར་བཅང་། བཀག་པ་རྣམས་ནི་རོ་བཞིན་དོར། བཀག་པའི་བྱ་བ་དུག་ཡིན་བཞིན་ཡང་། བཀག་པའི་ཡུལ་གནས་ཟས་གོས་ལ་སོགས་དགྲ་ལྟར་སྤངས། ཞེས་གསུངས་པ་ལྟར། རབ་ཏུ་བྱུང་བ་རྣམས་ལ་གནང་བའི་ཕྱི་ཡི་ཚུལ་དང་འབྲེལ་བའི་པད་ཞུ་ལ་ལོགས་ན་བཟའ་གོས་དྲུག་ནི་རང་གི་བུ་བཞིན་དུ་གཅེས་ཤིང་རྨ་བའི་དཔེ་ལྟར་ལུས་ལ་གསོ་བ་དང་། རྗེས་སྲུང་ལྔ་ཡི་ནང་གསེས་རྫས་ཀྱི་རྗེས་སྲུང་ཏེ་ཧོས་རུ་ལ་སོགས་རིན་ཆེན་རྫས་ལྔ་རྣམས་ནི་རིན་ཐང་ཆེ་བའི་རྒྱུ་ནོར་ལོངས་སྤྱོད་ཀྱི་དཔེ་ལྟར་དད་པ་དང་མོས་པའི་ཚུལ་གྱིས་ལེགས་པ་འཆང་ཞིང་བཀག་པ་རྣམས་ནི་མི་གཙང་བའི་རོ་བཞིན་དུ་དོར་བ་ནི། དཔེ་ན་ཆགས་པའི་ཡུལ། འདུག་པའི་གནས། ཟ་བའི་ཟས། གྱོན་པའི་གོས་སོགས་ནི་རང་ལ་གནོད་པའི་དགྲ་ལྟར་སྡོམ་པ་ལ་བར་ཆད་བྱེད་པས་སྤངས་པར་བྱའོ། །
Domain ཆོས་ལུགས།

{{#arraymap:སྡོམ་པའི་བསླབ་པ་

|; |@@@ | | }}