99225
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། བོན། འདུལ་བ་ཀུན་འབྱུང་ལྟར། སྤྱོད་ཚུལ་མ་ནོར་ཉིན་མཚན་བསྒྲིམ། །ཟས་ལ་རུམ་ཆུ་ཚངས་བདག་བྱ། །ནམ་ལངས་གསོ་ཚུལ་ལྡན་བྱས་བསྐོར་བ་བྱས། །ཉི་ཤར་ཁྲུས་བྱ་སྙིང་པོ་བསྒྲང་། །འཚོ་བའི་ཟས་ཟ་དྲོ་བར་འདོན་པར་བྱ། །ཉིན་ཕྱེད་དྲོ་ཐོན་ཁམས་བཟང་མཆོད་གཏོར་བཏང་། །འཆད་དང་ཉན་དང་རྒྱུད་ལ་གཅེར། །དགོང་ནི་ལྷ་ཕྱག་བསྐོར་བ་བྱ། །སྲོོད་ལ་ལམ་བཞུགས་རང་ལ་བྱ་ར་བྱ། །ནམ་གུང་གཉིད་ལོག་བདེ་བར་གཟུང་། །ཐོ་རངས་བདེ་གཤེགས་སྟོང་མཚན་འདོན། །ལྷ་ནི་གཤེན་རྒྱལ་ལ་ཕྱག་འཚལ་བ། །དུག་ལྔ་བཤགས་པ་རུ་བཞི་དབལ་ལྔ་སྨོན་ལམ་གདབ། ཅེས་གསུངས་པ་ལྟར། ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་དང་མ་འགལ་བ་ཉིན་མཚན་རྟག་ཏུ་ལུས་ངག་ཡིད་གསུམ་གཅིག་ཏུ་བསྒྲིམ་སྟེ་ཚུལ་ཁྲིམས་མ་ཉམས་པ་བསྲུང་བ་དང་། ཟས་ཀྱི་སྤྱོད་ཚུལ་ཡང་ནམ་ལངས་པའི་དུས་སུ་གསོ་བའི་ཚུལ་ཕྱག་དང་བསྐོར་བ་ལ་སོགས་ཚད་དང་ལྡན་པ་བྱ་སྟེ། ཉི་ཤར་སྐབས་སུ་གཙང་སྦྲ་ལ་འཇུག་ནས་ཁྲུས་བྱ་ཞིང་སྙིང་པོ་བསྒྲང་པའོ། དེ་ནས་ལུས་རྟེན་འཚོ་བའི་ཟས་ཟ་ཞིང་དྲོ་བར་འདོན་པར་བྱ་བ་ནི་གནས་སྐབས་ཀྱི་ཟས་ལ་ལོངས་སུ་སྤྱོད་པའི་དོན་དང་། ཉིན་ཕྱེད་མ་ཡོལ་བར་དུ་ཁ་ཟས་མཛད་ཅིང་དྲོ་ཐོན་ནི་ཟས་ཟ་ཚར་བའི་རྗེས་སུ་མཆོད་གཏོར་ལ་སོགས་གྱི་གཞུང་གསུང་ཏེ་གཏོར་མ་བཏང་བ་དང་། ཡང་ན། བོན་འཆད་པ་དང་། བོན་ཉན་པ་སོགས་རྒྱུད་ལ་སྦྱར་ཞིང་དགོང་མོའི་དུས་སུ་ལུས་གུས་པ་དང་ངག་སྙན་པ་ཡིད་མོས་པའི་སྒོ་ནས་ལྷ་ལ་ཕྱག་འཚལ་ཞིང་བསྐོར་བ་བྱེད་ནས། ནམ་ཕྱེད་དུས་སུ་ལམ་ལ་སྙོམ་པ་འཇུག་པ་དང་། ནམ་གུང་ཐོན་དུས་ཉམས་ལེན་ངང་ནས་གཉིད་ལོག་པའོ། །སླར་ཡང་ཐོ་རངས་ཤར་དུས་རང་གི་ཉེས་པ་བསྐང་ཕྱིར་བདེ་བར་གཤེགས་པ་སྟོང་རྩ་བརྒྱད་ཀྱི་མཚན་བརྗོད་པ་དང་ཡུལ་ཁྱད་པར་ཅན་རྣམ་མཁྱེན་སྟོན་པ་གཤེན་རབ་ལ་ཕྱག་འཚལ་ཞིང་བཤགས་པ་བྱ་སྟེ་སྨོན་ལམ་གདབ་པ་བསྟན་པའོ། ། |
Domain | ཆོས་ལུགས། |
{{#arraymap:སྡོམ་པའི་ལས་བསྟན་པ་
|; |@@@ | | }}