99235

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་མིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རྣམ་པར་རིག་བྱེད་ཀྱི་གཟུགས་གསུམ་གྱི་ཡ་གྱལ་ཞིག གཞན་གནོད་གཞི་དང་བཅས་པ་ལ་རྒྱུན་དུ་ཞུགས་ནས་ལུས་ངག་མི་སྡོམ་པ་སྟེ་ཤན་པ་དང་འཇུད་མཐུན་མ་སོགས་ཀྱི་བྱ་ངན་དང་འབྲེལ་བའི་གཟུགས་སུ་བྱེ་བྲག་ཏུ་སྨྲ་བས་འདོད་དོ། །དུས་ཇི་སྲིད་ལྡན་ཞེ་ན། ཇི་སྲིད་སྡོམ་པ་མ་ཡིན་པ་མི་གཏོང་བ་དེ་སྲིད་དུ་རྟག་ཏུ་ད་ལྟར་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་ལྡན་ནོ། །སྐད་ཅིག་མ་གཅིག་ཕྱིན་ཆད་ནི་འདས་པ་དང་ཡང་ལྡན་ནོ། །དེ་ཡང་ཇི་སྲིད་འཚོའི་བར་དུ་སྡིག་པའི་ཆོས་ཁས་བླངས་པས་སྐྱེ་ཡི། ཉིན་ཞག་པ་ཡི་སྡོམ་མིན་ནི་མེད་དེ། ཇི་ལྟར་བསྙེན་གནས་པ་དེ་བཞིན་དེ་དེ་ལྟར་ནོད་པ་མེད་ཅེས་གྲག་གོ ། དེའི་གཏོང་ཚུལ་ནི། སྡོམ་མིན་གསུམ་གྱིས་གཏོང་སྟེ། སྡོམ་པ་ཡང་དག་པར་བླངས་པ་ལས་སམ་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཏིང་ངེ་འཛིན་ནི་ཐོབ་པ་ན་སྟེ་གཉེན་པོ་སྟོབས་དང་ལྡན་པའི་ཕྱིར་དང་། ལུས་བོར་བའི་ཕྱིར་ཤི་བ་དང་། རྟེན་ཉམས་པའི་ཕྱིར་མཚན་གཉིས་བྱུང་བ་ལས་སོ། །གཞན་ཡང་སྡོམ་མིན་དེ་གང་ཟག་གང་ལ་ཡོད་ཅེ་ན། ཟ་མ་མ་ནིང་སྒྲ་མི་སྙན། མཚན་གཉིས་པ་མ་གཏོགས་པའི་མིའི་འགྲོ་བ་རྣམས་ཁོ་ན་ལ་སྟེ། ཟ་མ་སོགས་ལ་སྡིག་པ་ལ་ཡང་བསམ་པ་མི་བརྟན་པའི་ཕྱིར། ངན་སོང་བ་རྣམས་ལ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་ཤས་ཆེན་པོ་མེད་པའི་ཕྱིར། །
Example ཞིང་ཚ་སྒོ་ཅན་ལ་འབྲུ་ཡང་ཚར་ཅིག་མི་སྐྱེ། རྩ་ཡང་ཚར་ཅིག་མི་སྐྱེ་བ་བཞིན་ནོ། །སྒྲ་མི་སྙན་པ་རྣམས་ནི། ཡང་དག་པར་ལེན་པ་དང་། ཏིང་ངེ་འཛིན་མེད་པའི་ཕྱིར་དང་། སྡིག་པ་བྱ་བའི་བསམ་པ་མེད་པའི་ཕྱིར། ། མདོ་སྡེ་པས། སྡོམ་པ་ཡིན་པ་ཡང་རྣམ་པར་རིག་བྱེད་མ་ཡིན་པ་བཞིན་དུ་རྫས་སུ་ནི་མེད་ཀྱི་སྡིག་པ་བྱ་བའི་བསམ་པ་རྗེས་སུ་འབྲེལ་པ་དང་བཅས་པ་དེ་ཉིད་སྡོམ་པ་མ་ཡིན་པ་ཡིན་ཏེ། དེས་ན་སེམས་དགེ་བ་ལ་ཡང་དེ་མ་སྤངས་པའི་ཕྱིར་དེ་དང་ལྡན་པ་ཞེས་བྱའོ། ། སྡོམ་མིན་གྱི་རྣམ་གྲངས་དང་དེའི་སྒྲ་དོན་ནི། ལུས་དང་ངག་མི་སྡོམ་པའི་ཕྱིར་སྡོམ་པ་མིན་པ་དང་། དམ་པ་རྣམས་ཀྱིས་སྨད་པ་དང་འབྲས་བུ་ཡིད་དུ་མི་འོང་བ་བསྐྱེད་པས་ཉེས་སྤྱད་དང་། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ཡིན་པས་འཆལ་པའི་ཚུལ་ཁྲིམས་དང་། ལུས་ངག་མི་དགེ་བ་ཡིན་པའི་ཕྱིར་ལས་ཡིན་ལ། དངོས་ཀྱིས་བསྡུས་པའི་ཕྱིར་ལས་མི་དགེ་བ་དེའི་ལམ་ཡིན་པ་བཅས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་མིན་

|; |@@@ | | }}