99236

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྡོམ་མིན་གང་ལས་ཐོབ་པའི་གཞི་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྡོམ་མིན་ནི་སེམས་ཅན་ཐམས་ཅད་དང་ལས་ལམ་གྱི་ཡན་ལག་ཐམས་ཅད་ལས་ཐོབ་སྟེ། སྒོ་ཐམས་ཅད་ནས་སེམས་ཅན་ཀུན་ལ་གནོད་པར་ཞུགས་པའི་ཕྱིར། རྒྱུ་ཀུན་ལས་མི་ཐོབ་སྟེ། རྒྱུ་དུག་གསུམ་གང་རུང་ངམ། མི་དགེ་བའི་སེམས་ཆུང་འབྲིང་ཆེ་གསུམ་གང་རུང་ལས་ཐོབ་པ་ཡིན་གྱི། ཐམས་ཅད་ལས་ཐོབ་པ་མ་ཡིན་ཏེ། རྒྱུ་དེ་དག་ཅིག་ཅར་དུ་མི་འབྱུང་བའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:སྡོམ་མིན་གང་ལས་ཐོབ་པའི་གཞི་

|; |@@@ | | }}