993

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཤིང་ཕག་ཕྱི་ལོ་ ༡༦༣༥ ལོར་ཨ་མདོ་ཀླུ་འབུམ་དུ་འཁྲུངས། གཞོན་དུས་ནས་དབུས་སུ་ཕེབས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མདོ་ཕྱོགས་ཀྱི་གཞུང་ཆེན་རྣམས་ལ་ཐོས་བསམ་མཛད། རྒྱུད་སྨད་དུ་ཞུགས་ཏེ་གསང་སྔགས་ཀྱི་གཞུང་ལུགས་དང་ཆོ་ག་ཕྱག་ལེན་བཅས་མཁས་པར་སྦྱངས། སྒོ་མང་དང་། རྒྱུད་སྨད། བྱང་རྩེ་བཅས་ཀྱི་འཆད་ཉན་པ་ཡུན་རིང་མཛད། ཞེ་བརྒྱད་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ ༡༦༨༢ ལོར་དགའ་ལྡན་གསེར་ཁྲིར་བཞུགས། གསེར་ཁྲི་ལོ་གསུམ་རིང་བསྐྱངས། དགའ་ལྡན་འདུ་ཁང་ཆེན་མོའི་ཨར་པོ་རྒྱ་ཆེ་བ་སོགས་བྱ་བ་ལས་ཀྱི་འཁོར་ལོས་གདན་ས་ཆེན་པོའི་ཕན་བདེའི་རྩ་ལག་དམ་པར་གྱུར། ང་གཉིས་པ་རབ་བྱུང་བཅུ་གཅིག་པའི་མེ་སྟག་ཕྱི་ལོ་ ༡༦༨༦ ལོར་སོག་ཡུལ་དུ་ཕེབས། ཧལ་ཧ་དང་ཨོ་རོད་བར་གྱི་ཁ་མཆུ་བསྡུམས། ཆིངས་མཛད་དེ་སྤྱི་བླ་ལྟ་བུར་གྱུར། ང་གསུམ་པ་རབ་བྱུང་བཅུ་གཉིས་པའི་མེ་ཡོས་ཕྱི་ལོ་ ༡༦༨༧ ལོར་གོང་མའི་རྒྱལ་ས་པེ་ཅིན་དུ་ཕེབས། གོང་མ་ཁང་ཞི་དང་མཇལ་འཕྲད་མཛད། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། ང་བཞི་པ་རབ་བྱུང་བཅུ་གཉིས་པའི་ས་འབྲུག་ཕྱི་ལོ་ ༡༦༨༨ ལོར་རང་ཡུལ་ལ་ཕེབས་ལམ་དུ་སྐུ་གཤེགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་ཞེ་བཞི་པ་ཡིན། དངུལ་གདུང་སྒོ་མང་མཆོད་རྟེན་བཞེངས། བདེ་གཤེགས་ལྷ་ཁང་དུ་བཞུགས། འདི་ནས་བོད་ཀྱི་བླ་ཆེན་ཁག་རྒྱ་ནག་ཏུ་ཕེབས་པའི་སྲོལ་དར་སྟབས་མཚན་ལ་ཁྲི་རྒྱ་ནག་དང་། རྒྱ་ནག་པ་བློ་གྲོས་རྒྱ་མཚོ་བཅས་ཞུ། མཚན་གཞན། ཁྲི་རྒྱ་ནག། རྒྱ་ནག་པ་བློ་གྲོས་རྒྱ་མཚོ།

{{#arraymap:ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོ་

|; |@@@ | | }}