9931

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་མེད་སྙོམས་འཇུག་བཞི་ (1)
Part of speech མིང་ཚིག
Definition མདོ། ཁམས་གསུམ་གྱི་ནང་གསེས་གཟུགས་མེད་ཁམས་སུ་སྐྱེ་བའི་བྱེ་བྲག་གིས་དབྱེ་བ་རྣམས་ཏེ། མཛོད་ལས། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དོ། །དེ་དག་ལ་ཡུལ་གྱིས་བྱས་པའི་བླ་འོག་ནི་མེད་དོ། །ཏིང་ངེ་འཛིན་ཐོབ་པ་རྣམས་ཡུལ་གང་དུ་འཆི་འཕོ་བ་དེ་ཉིད་དུ་སྐྱེ་ལ། ཡང་དེ་ནས་འཆི་འཕོ་བ་རྣམས་ཀྱི་སྲིད་པ་བར་མ་ཡང་དེ་ཉིད་དུ་འགྲུབ་བོ། །གཟུགས་མེད་སྐྱེ་མཆེད་མུ་བཞི་དང་། གཟུགས་མེད་བཞི་དང་། གཟུགས་མེད་རྣམ་ཐར་བཞི་རྣམས་དང་རྣམ་གྲངས་སོ། །
Domain ཆོས་ལུགས།