99323

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣ་ཚ་དགེ་འདུན་འབུམ་ (1)
Part of speech མིང་ཚིག
Definition ཁོང་ཨ་གཟི་བསོད་ནམས་འབུམ་གྱི་སློབ་མ་ཡིན། དྲུང་རྒྱལ་མཚན་རྡོ་རྗེའི་དུས་ཀཿཐོག་གདན་སའི་མཁན་པོ་དང་མན་ངག་གི་བརྒྱུད་འཛིན། རཏྣ་གླིང་པའི་དཀྱིལ་འཁོར་འཛིན་པའི་བུ་ཆེན་བརྒྱད་ཀྱིས་གྲས་ཡིན་པས་སྔ་མའི་བཀའ་སྲོལ་འཆད་ཉན་དང་ཁྱད་པར་རཏྣ་གླིང་པའི་གཏེར་ཆོས་དང༌། རིན་ཆེན་གླིང་པ། ལས་འཕྲོ་གླིང་པ་སོགས་ཀྱི་གཏེར་ཆོས་རྣམས་ཧ་ཅང་མི་ནུབ་པར་བསྐྱངས་ནས་བསྟན་པའི་དོན་རྒྱ་ཆེར་མཛད་དོ། །རྗེ་འདིའི་སློབ་བརྒྱུད་ལས་རག་ཆབ་ཏུ་འབུམ་པ་བཅུ་གསུམ་བྱུང་བར་གྲགས་སོ། །