9935
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དབྱིབས་འདྲ་བ་ལ་ལྟོས་ནས་བཏགས་པའི་སྲོག་ཆགས་རྒང་གི་མིང་སྟེ། ལུས་ཚད་སྤྱི་ཁྲི་ ༠.༦-༠.༧ ཙམ་དང༌། ལྗིད་ཚད་སྤྱི་རྒྱ་ ༩-༡༡ ཙམ་སྟེ་ཆེ་ཆུང་གྲུམ་པ་དང་འཕྱི་བ་ཙམ་ལ་གདོང་དབྱིབས་བྱི་བ་འདྲ་བ་དང༌། མཆེ་བ་གཉིས་མདུན་དུ་གནས་པ། རྐང་ལག་ཐུང་ཞིང་སྡེར་མོ་དང་བཅས་པ། ལུས་རྒྱབ་ཕལ་ཆེ་བ་སྤུ་ཚེར་གྱི་སྒྲོ་རྐང་ལྟར་སྲ་ཞིང་རགས་ལ་རྣོ་བ་ཁོང་སྟོང་དཀར་ལ་ནག་དཀྲིས་ཡོད་པས་ཁྱབ་པ། སྐེ་དང་ཨོ་ཐེར་གྱི་སྤུ་ཚེར་རྣམས་ཐུང་ཐུང་ཡིན་པ་ཞིག་སྟེ། རྒྱུན་དུ་རྩྭ་ལྡུམ་དང་ཤིང་ཕྲན་གྱི་གསེབ། ནགས་ཚལ་སྟུག་པོ་བཅས་སུ་ས་དོང་བྲུས་ནས་བཞི་ལྔ་ཙམ་མཉམ་དུ་འདུས་སྡོད་བྱེད་ཅིང་མང་ཆེ་བ་མཚན་མོར་རྒྱུ་བ་དང༌། རྩི་ཤིང་གི་འབྲས་བུ་དང་གྲོག་སྦུར་སོགས་ཅི་རིགས་ཟ་ཞིང་རྒྱུན་དུ་འགྲོ་ལམ་གཏན་འཇགས་བརྒྱུད་ནས་འགྲོ་བ། དགྲ་དང་འཕྲད་དུས་སྤུ་ཚེར་གཟེངས་ཏེ་རྒྱབ་བསྟན་ནས་ཕྱི་སྣུར་བྱས་ན་གཅན་གཟན་སོགས་ཀྱིས་གནོད་མི་ནུས། ཟས་སུ་སྲོག་ཆགས་ཆུང་རིགས་དང་རྩྭ་ལྡུམ་ཟ་བ་དང༌། ཟླ་བ་གསུམ་པ་ནས་ལྔ་པའི་བར་དེར་འཁྲིག་སྦྱོར་བྱེད་ཅིང༌། བཙའ་ཐེངས་རེ་ལ་ཕྲུ་གུ་གསུམ་བཞི་ཙམ་བཙའ་བ་ཡིན་ནོ། ། |