99390

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣ་ལ་སྤུ་གྲི་ཁྱེར་བའི་བག་མ་ (1)
Part of speech མིང་ཚིག
Definition བྱུར་ཐག་ཉི་ཤུའི་ནང་གསེས་ཤིག་སྟེ། སྐྱེས་སྨེ་བདུན་དམར་ཡིན་པའི་བུ་མོ་སུ་ཞིག་རང་ལོའི་སྲོག་ཁམས་ཀྱིས་གནམ་ལོའི་སྲོག་ཁམས་གཅོད་པ་མ་ཟད། བབས་སྨེ་བདུན་དམར་སྟེང་དུ་ཕྱིན་པའི་མལ་ཀེག་ཏུ་ཡང་ཚུད་དུས་དེར་གནས་ལ་འགྲོ་བའི་བག་མ་ལ་ཟེར་བ་ཡིན། བག་མ་དེ་རིགས་སྐུད་པོ་དང་གྱོས་སྒྱུག་ལ་ངན་པས། བཅོས་སུ་མེར་བསྲེགས་པའི་སྤུ་གྲི་སྣ་སར་གཅོག་པ་དང་། སྟག་ཡོས་གཟུགས་བདུན་ཤར་ཕྱོགས་ཀྱི་ལམ་རྒྱ་གྲམ་ཁར་སྐྱེལ་བ། འབྱུང་བའི་རྟེན་འབྲེལ་གྱི་བཅོས་ཤར་དུ་ལྕགས་དང་། ལྷོར་ཆུ། ནུབ་ཏུ་རྒྱ་སོལ། བྱང་དུ་ས་སེར། མཚམས་བཞིར་ཤུག་པ་བཅས་འཇོག་དགོས། གལ་སྲིད་སྨེ་ཕྲེང་གཉིས་པའི་ལྕགས་རྟ་ལོར་སྐྱེས་པའི་བུ་མོ་སུ་ཞིག་རང་ལོ་ཉེར་བརྒྱད་ལ་སོན་པར་ཆ་བཞག་ན། དུས་དེར་ཤར་བའི་གནམ་ལོ་མེ་བྱའི་སྲོག་ཁམས་ལྕགས་དེ་རང་ལོའི་སྲོག་ཁམས་མེ་ཡིས་གཅོད་པ་མ་ཟད། སྐྱེས་སྨེ་བདུན་དམར་སྟེང་དུ་བབས་སྨེ་འབབ་པའི་མལ་ཀེག་ཏུ་ཡང་ཚུད་ཡོད་པས། བུ་མོ་དེ་ལོ་དེར་གནས་ལ་འགྲོ་བའི་བག་མ་ལྟ་བུ་ཡིན། གཞན་དུ་སྐྱེས་སྤར་ཟོན་ཡིན་པའི་བུ་མོ་དག་བབས་སྤར་ཟོན་གྱི་སྟེང་དུ་གནས་ལ་འགྲོ་བ་དེར་ཡང་སྣ་ལ་སྤུ་གྲི་ཁྱེར་བའི་བག་མ་ཟེར་ཞིང་། བག་མ་དེ་རིགས་བསུས་ན་ངན་པས། བཅོས་ཐབས་ལ་བག་མའི་ལག་ཏུ་སྤུ་གྲི་བཞག དེ་སྙིད་མོས་ཕྲོགས་ཏེ་ཁ་བསྙིལ་པའི་ཚུལ་སྟོན་དགོས།
Domain རྩིས་རིག