From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྣ་ལེན་ (1)
| Part of speech
|
མིང་ཚིག
|
| Definition
|
སྣེ་ལེན་གྱི་འབྲི་ཚུལ་གཞན།
|
སྣ་ལེན་ (2)
| Part of speech
|
མིང་ཚིག
|
| Definition
|
སྣེ་ལེན་དང་དོན་འདྲ་སྟེ། མཐུན་སྦྱོར་གཉེན་རྩིས་སྐབས་སུ་བག་མ་ཚུར་བསུ་དུས་ཇི་ལྟར་སྣེ་ལེན་བྱེད་ཐབས་ལ་ཟེར་བ་ཡིན། དེ་ནི་བསུ་རྒྱུའི་བག་མ་དེའི་བབས་སྤར་གང་ཡིན་དང་བསྟུན་ནས་བྱ་དགོས། བག་མ་བབས་སྤར་ལི་ཐོག་ནས་ཡོང་ན་རྟ་དང་། ཁོན་ཐོག་ནས་ཡོང་ན་ལུག དྭ་ཐོག་ནས་ཡོང་ན་ར། ཁེན་ཐོག་ནས་ཡོང་ན་ཁྱི། ཁམ་ཐོག་ནས་ཡོང་ན་ཕག གིན་ཐོག་ནས་ཡོང་ན་གླང་། ཟིན་ཐོག་ནས་ཡོང་ན་བོང་བུ། ཟོན་ཐོག་ནས་ཡོང་ན་རྟོལ་བཅས་ལ་ཁྱོ་ཀའི་གོས་བསྐོར་ཏེ་སྐ་རགས་བཅིངས་ནས་སྣེ་ལེན་བྱ་དགོས།
|
| Domain
|
རྩིས་རིག
|