99435

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་གཤེན་བོན་སྒོ་བཞི་ (1)
Part of speech མིང་ཚིག
Definition བོན། ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ལས། ཐེག་པ་གཉིས་པ་སྣང་གཤེན་ཐེག་པའི་བོན་སྒོ་གཙོ་བོ་ཞིག་སྟེ། བཞི་ནི། མདོ་དྲི་མེད་གཟི་བརྗིད་པོད་གཉིས་པ་ལས། སྣང་གཤེན་ཐེག་པའི་བོན་སྒོ་ལ། །སྤྱི་རུ་རྣམ་པ་བཞི་ཡིན་ཏེ། །ཆབ་ནག་ཆུ་བོ་སེལ་གྱི་སྒོ། །ཆབ་དཀར་འདྲེ་དང་སྲི་ཡི་སྒོ། །ཕན་ཡུལ་མཉམ་བརྗེས་གླུད་ཀྱི་སྒོ། །དཔོན་གསས་ཕྱག་བརྙན་གཏོའི་སྒོ། །ཞེས་སོ། །དེ་ཡང་སེལ་སྒོ་ནི། གཙང་ཁྲུས་གསོལ་བ་དང་། བསང་གིས་དག་སེལ་གྱི་ཆོ་ག་རིགས་སོ། །སྲི་སྒོ་ནི། སྲི་དགུ་འདྲེ་བཅུ་སོགས་དྲག་པོའི་སྒོ་ནས་གཟིར་གནོན་གྱི་ཆོ་ག་རིགས་སོ། །གླུད་སྒོ་ནི། གནོད་བྱེད་བགེགས་དང་གནོད་བྱ་ཡོན་བདག་གཉིས་ཀ་མཉམ་པར་བྱེད་པའི་ཕོ་གླུད་མོ་གླུད་ཆུང་གླུད་སོགས་སྐྱེལ་བའི་ཆོ་ག་རིགས་སོ། །གཏོ་སྒོ་ནི། དབྱིངས་ཀྱི་ལྷ་ལ་ཚོགས་ཀྱི་མཆོད་པ་འབུལ་བའི་ཆོ་ག་དང། མཁའ་ཡི་དབལ་མོར་བསྐང་བའི་ཆོ་ག ཀློང་གི་དམ་ཅན་རྟེན་ལ་རྟེན་བྱེད་ཀྱི་ཆོ་གས་བདག་ཀླུ་གཉན་བཅོས་ཀའི་གཏོ་སྣ་རིགས་སོ། །
Domain ཆོས་ལུགས།

{{#arraymap:སྣང་གཤེན་བོན་སྒོ་བཞི་

|; |@@@ | | }}