99436

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་གཤེན་བོན་སྤྱོད་དབང་བསྐུར་གྱི་སྣོད་ (1)
Part of speech མིང་ཚིག
Definition བོན། དེ་ཡང་ལྷོ་གཏེར་ལུགས་ཀྱི་ཐེག་དགུ་ལས་རྒྱུ་ཐེག་བཞིའི་གཉིས་པ་སྣང་གཤེན་ཐེག་པའི་བོན་སྤྱོད་གདུལ་ཞིང་ལ་ཕན་བདེ་བསྐྱེད་པའི་ཐབས་སུ་སེལ་དང་གླུད་སོགས་ལག་ལེན་བྱ་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། རྣམ་རྟོག་དོན་སེལ་བཀའ་རྟགས་འཛིན། །སྦྱིན་པའི་སྟོབས་འཆང་འགྲོ་ལ་བྱམས། །སྨྲ་(སྨྲང་)དག་ཚིག་གིས་ལྷད་མེད་ལ། །འགྲོ་དོན་མཐར་ཕྱིན་གྱེར་དབང་སྐུར། །ཞེས་པས། དེ་ལ་ཡང་རྣམ་རྟོག་གདོན་བགེགས་སོགས་ཀྱི་གཉེན་པོ་སྣང་གཤེན་གྱི་བོན་སྤྱོད་སེལ་དང་གླུད་གཏོ་སོགས་ཀྱི་གཞུང་ཀུན་ལ་མཁས་ཤིང་། དེ་ཉིད་གཞན་དོན་དུ་ལག་ལེན་སོགས་ཀྱི་སྐབས་ན་ཕྱིའི་ཚུལ་ལ་ཡང་བོན་སྒོ་འདི་ཡི་བཀའ་རྟགས་ཡོ་བྱད་ཀྱི་རྫས་རྣམས་ཚང་བར་འཛིན་ཅིང་། ནང་དུ་སེམས་བསྐྱེད་དམ་དགོངས་པ་རྣམ་པར་དག་པས་ཡས་སྟགས་གླུད་དང་གཏོ་སོགས་ལྷ་འདྲེ་གདོན་བགེགས་གང་ལ། རང་རང་གི་འདོད་ཞེན་དང་མཐུན་པར་ཚིམས་ཤིང་མགུ་བར་སྦྱིན་པའི་སྟོབས་ཏེ་སྨྲང་ཚིག་གམ་སྐད་གཅོང་དགུ་ལས་གང་དགོས་གྱེར་ཞིང་ལྷ་འདྲེ་སོགས་ལ་གོ་བརྡ་སྤྲོད་པར་ནུས་པའི་གང་ཟག་གམ་གཤེན་རབ་ཅིག་དགོས་པར་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྣང་གཤེན་བོན་སྤྱོད་དབང་བསྐུར་གྱི་སྣོད་

|; |@@@ | | }}