99441

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་གསུམ་འཕོ་བའི་བག་ཆགས་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། སྔགས་བླ་མེད་ཀྱི་གཞུང་ལས། འཁོར་བར་འཁྲུལ་བའི་རྩ་བ་ལ་སྣང་གསུམ་འཕོ་བའི་བག་ཆགས་ཞེས་གསུངས་ཏེ། འོད་གསལ་སྙིང་པོ་ལས། དེ་ལ་འཁྲུལ་བ་དེ་དག་རྒྱུ་མེད་པར་འབྱུང་མི་སྲིད་པས་འདིའི་རྩ་བ་གང་ཡིན་སྙམ་ན། ཐུན་མོང་གི་ཐེག་པར་སེམས་བྱུང་མ་རིག་པ་ཉིད་རྩ་བར་གསུངས་ལ། སྔགས་རྒྱུད་ལས་ནི་སེམས་དེ་ཡང་གཟུང་འཛིན་དུ་གཡོ་བའི་རྐྱེན་ལས་རླུང་ཕྲ་མོའམ། ཕྲ་བའི་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་སྣང་གསུམ་འཕོ་བའི་བག་ཆགས་སུ་གསུངས་ཤིང་། དེ་འདྲའི་རླུང་སེམས་ཤིན་ཏུ་ཕྲ་བའི་རྩ་བའང་གདོད་མའི་རང་སྣང་མ་འགགས་པ་ལས་བྱུང་བས་ན། ཐེག་པ་ཐམས་ཅད་ཀྱི་གཞི་བཤད་པ་ཀུན་རྫོགས་ཆེན་གྱི་གཞི་ལ་མཐར་ཐུག་པ་ཤེས་པར་བྱའོ། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:སྣང་གསུམ་འཕོ་བའི་བག་ཆགས་

|; |@@@ | | }}