99458

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བ་ (1)
Part of speech མིང་ཚིག
Definition འོད་དམ་འོད་སྣང་།
Example ཞོགས་པ་སྐྱ་རེངས་ཀྱི་སྣང་བ་ཤར་ལྟ་བུ།
སྣང་བ་ (2)
Part of speech མིང་ཚིག
Definition བསམ་བློའམ་སྤོབས་པ་དང་ང་རྒྱལ་གྱི་དོན་ཏེ།
Example སྣང་བ་མཐུན་པའི་གྲོགས། སྣང་བ་ཨ་སྔོན་ལྟར་མཐོ་བའི་མི་ལྟ་བུ།
སྣང་བ་ (3)
Part of speech མིང་ཚིག
Definition འཆར་བའམ་གསལ་བའི་བྱ་བའི་མིང་།
Example ཤར་ནས་ཉི་མའི་འོད་སྣང་བ་ལྟ་བུ།
སྣང་བ་ (4)
Part of speech མིང་ཚིག
Definition མཐོང་བའམ་ཕྱིར་མངོན་པའི་དོན་ཏེ།
Example མིག་ལ་སྣང་བའི་ཁོར་ཡུག་གི་མཛེས་ལྗོངས་ཞེས་པ་ལྟ་བུ།
སྣང་བ་ (5)
Part of speech མིང་ཚིག
Definition སྔགས། ཐིམ་རིམ་འཆར་སྐབས། ཐོག་མར་སྟོན་གནམ་དྭངས་པ་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟར་སྟོང་པ་དཀར་ལམ་པའི་སྣང་བ་འཆར་གྱི། དེ་ལས་གཞན་གང་ཡང་མི་འཆར་བའི་ཡིད་ཤེས་ཕྲ་མོ་ཞིག
Domain ཆོས་ལུགས།
སྣང་བ་ (6)
Part of speech མིང་ཚིག
Definition སྣང་བའི་མཚན་ཉིད་ནི། རྟོག་མེད་ཤེས་པས་གསལ་བར་མཐོང་བའོ། །མཐོང་ཚུལ་གཉིས་ཏེ། མེད་པ་མཐོང་བ་དང་། ཡོད་པ་མཐོང་བའོ། །དང་པོ་ནི། སྐྲ་ཤད་འཛག་སྣང་གི་དབང་ཤེས་དང་། ཟླ་བ་གཉིས་སྣང་གི་དབང་ཤེས་ལྟ་བུའོ། །གཉིས་པ་ནི། མངོན་སུམ་གྱི་ཚད་མ་རྣམས་སོ། །དེ་ལའང་གཉིས་ཏེ། དོན་རང་མཚན་ཡོད་པ་ལ་ཇི་ལྟར་ཡོད་པ་བཞིན་དུ་མཐོང་བ་དོན་རིག་གཉིས་དང་། རང་རིག་མངོན་སུམ་ལྟ་བུ་དང་། བདག་གཉིས་ཀྱི་ངོ་བོ་ཅི་ཡང་མ་མཐོང་བ་ལ། བདག་མེད་མཐོང་བར་མིང་བཏགས་པ་རྣལ་འབྱོར་པའི་མངོན་སུམ་རྣམས་སོ། །དབྱེ་བ་ལ། དངོས་བཏགས་མ་ཕྱེ་བའི་དབྱེ་བ་ནི། ཡུལ་ཅན་སྣང་འཇུག་ལ་འཁྲུལ་མ་འཁྲུལ་གཉིས་ཡོད་པའི་ཕྱིར། ཡུལ་སྣང་བ་ལ་ཡོད་པ་གསལ་བ་དང་། མེད་པ་གསལ་བ་གཉིས་སུ་ཕྱེའོ། །གཉིས་པ་ལའང་གསལ་བར་སྣང་བའི་ཡུལ་ཅན་གྱི་ཆ་དང་། ཡུལ་གྱི་ཆའོ། །དང་པོ་ནི། ཤེས་པ་ཡིན་པའི་ཕྱིར་སྣང་བ་དངོས་ཡིན་ལ། གཉིས་པ་ནི། མེད་པའི་ཕྱིར་སྣང་བ་བཏགས་པ་བ་ཡིན་ནོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
Domain ཚད་མ།
སྣང་བ་ (7)
Part of speech མིང་ཚིག
Definition སྣང་བའི་མཚན་ཉིད་ནི། རྟོག་མེད་ཤེས་པས་ཡུལ་མཐོང་ཚུལ་གྱི་ཁྱད་པར་རོ། །རྟོག་མེད་ཤེས་པ་རང་ཡུལ་ལ་སྣང་བའི་སྒོ་ནས་འཇུག་སྟེ། སྣང་བ་ཙམ་གྱིས་བྱ་བ་རྫོགས་པའི་ཕྱིར་རོ། ། དབྱེ་བ་ལ། རྟོག་མེད་འཁྲུལ་པའི་སྣང་བ་དང་། རྟོག་མེད་མ་འཁྲུལབའི་སྣང་བ་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །