9946

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཟུགས་འཛིན་ཡིད་མངོན་གྱི་དམིགས་རྐྱེན་ (1)
Part of speech མིང་ཚིག
Definition མདོ་སྡེ་པ། གཟུགས་འཛིན་ཡིད་མངོན་གྱི་དམིགས་རྐྱེན་ཞེས་པ་ནི། གཟུགས་འཛིན་ཡིད་མངོན་གཟུགས་ཀྱི་རྣམ་ལྡན་དུ་གཙོ་བོར་དངོས་སུ་སྐྱེད་བྱེད་ཞིག་ལ་ཟེར། མཚན་གཞི་ནི་གཟུགས་འཛིན་དབང་མངོན་སྐད་ཅིག་ཐ་མ་དེ་ཡི་གཟུང་དོན་གྱི་རིགས་འདྲ་སྐད་ཅིག་གཉིས་པ་ལྟ་བུའོ། །དེ་ལྟར་ཡང་རྒྱལ་ཚབ་དར་མ་རིན་ཆེན་གྱི་མཛད་པའི་རྣམ་འགྲེལ་ཐར་ལམ་གསལ་བྱེད་ལས། དབང་མངོན་ཐ་མ་དེའི་གཟུང་དོན་གྱི་རིགས་འདྲ་སྐད་ཅིག་གཉིས་པ་ནི། ཡིད་མངོན་དེའི་དམིགས་རྐྱེན་ཡིན་ནོ། །ཞེས་གསུངས།
Domain ཚད་མ།

{{#arraymap:གཟུགས་འཛིན་ཡིད་མངོན་གྱི་དམིགས་རྐྱེན་

|; |@@@ | | }}