99462

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བ་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་དག་པའི་སྣང་བ། རྣལ་འབྱོར་ཉམས་ཀྱི་སྣང་བ། དག་པའི་སྣང་བ་བཅས་གསུམ་མོ། །
Domain ཆོས་ལུགས།

{{#arraymap:སྣང་བ་གསུམ་

|; |@@@ | | }}

སྣང་བ་གསུམ་ (2)
Part of speech མིང་ཚིག
Definition སྣང་བ་གསུམ་ནི། ཡུལ་དོན་རང་གསུམ་དུ་སྣང་བ་སྟེ། ཡིད་ཀྱི་མུན་སེལ་ལས། འདིར་ཁ་ཅིག་སེམས་ཙམ་པའི་ལུགས་ལ་གཞན་དབང་མི་སྲིད་དེ། ཐམས་ཅད་རང་གི་དབང་དུ་སྣང་བའོ། །ཞེས་པའང་མ་ཡིན་ཏེ། འདི་ལྟར་ཡུལ་དང་། དོན་དང་། རང་གསུམ་སྣང་བའི་ལུགས་སུ་བྱས་ན། ཡུལ་དུས་གཉིས་པོ་ལ་གཞན་དབང་ཟེར་བས་དེ་མེད་ན་ནི་ཧ་ཅང་ཐལ་ཏེ། སྣང་བ་ལ་སྐུར་བ་བཏབ་པའི་ཕྱིར། འོན་ཏེ་རང་ལས་གཞན་པའི་གཞན་དབང་མ་གྲུབ་པས་གཞན་དབང་མེད་ཀྱི། ཡུལ་དོན་གཉིས་ཡོད་པར་འདོད་ན་ནི་ཁོ་བོ་ཅག་ཇི་སྐད་ཟེར་བ་བཞིན་ཏེ། བརྩད་དུ་ཇི་ཞིག་ཡོད། རང་གི་སེམས་ལས་རྫས་གཞན་ཁོ་བོ་ཅག་ཀྱང་མི་འདོད་དོ། །དེ་ལྟར་ནའང་གཞན་དབང་མེད་པ་མ་ཡིན་ནོ། །སྣང་བ་གསུམ་དུ་ཡེ་ནས་གནས་པས་དེའི་ཆས་གཞལ་བའི་གཞན་དབང་རིགས་པ་ཁོ་ན་ཡིན་ནོ། །ཞེས་གསུངས་སོ། །

{{#arraymap:སྣང་བ་གསུམ་

|; |@@@ | | }}

སྣང་བ་གསུམ་ (3)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག སྣང་བ་གསུམ་ནི། རང་བཞིན་གྱི་སྣང་བ་དང་། གདུལ་བྱའི་སྣང་བ་དང་། དེ་བཞིན་གཤེགས་པའི་སྣང་བ་སྟེ། སྤར་ཁབ་ལས། རང་རིག་པ་ཐམས་ཅད་དུ་རྩལ་མ་འགགས་པ་ནི་རང་བཞིན་གྱི་སྣང་བ་སྟེ། ཐམས་ཅད་དུ་འབྲེལ་ཅིང་ཐམས་ཅད་ཚང་བའི་ཕྱིར་རང་བཞིན་གྱི་རྒྱུད་དུ་གསུངས་ལ། དེ་ངེས་པར་སྟོན་པ་ཡང་། བློའི་རིམ་པ་བྱེ་བྲག་ཏུ་སྣང་བ་རྣམས་ནི་གདུལ་བྱའི་སྣང་བ་སྟེ། རྗེས་སུ་མཐུན་ཅིང་ཐམས་ཅད་དུ་འགྲོ་བའི་ཕྱིར་ལམ་གྱི་རྒྱུད་དོ། །དེས་མཐར་ཐུག་པ་ནི་བྲལ་བ་དང་ཐོབ་པ་མེད་པའི་ངོ་བོ་ཉིད་དུ་ལྷུན་གྱིས་གྲུབ་པས་ཐམས་ཅད་རྫོགས་པ་ནི་དེ་བཞིན་གཤེགས་པའི་སྣང་བ་སྟེ། རྗེས་སུ་སྙེགས་པའི་ཕྱིར་འབྲས་བུའི་རྒྱུད་དེ། ཞེས་གསུངས།

{{#arraymap:སྣང་བ་གསུམ་

|; |@@@ | | }}