99464

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བ་ཉིད་ཀྱང་གཞན་ལས་ངེས་ཀྱི་ཚད་མར་སོང་བ་ (1)
Part of speech མིང་ཚིག
Definition སྣང་བ་ཉིད་ཀྱང་གཞན་ལས་ངེས་ཀྱི་ཚད་མར་སོང་བ་ཞེས་པ་ནི། མངོན་སུམ་གང་ཞིག་ལ་རང་ལ་སྣང་བའི་ཡུལ་གང་ལའང་ངེས་པ་འདྲེན་མི་ཐུབ་པར་རང་ཡུལ་ལ་དམིགས་པའི་ཐེ་ཚོམ་འདྲེན་པར་བྱེད་པའི་དབང་མངོན་ཞིག་ལ་ཟེར། འདི་ནི་གཞན་ལས་ངེས་ཀྱི་ཚད་མ་བཏགས་པ་བ་ཡིན་གསུངས་པས་སྣང་ལ་མ་ངེས་པའི་བློར་སེམས་སོ། །དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས་འདིའི་མཚན་གཞི་གཞག་པའི་ཚེ། ཁོ་བོས་སྔོན་པོ་མཐོང་ངམ་མ་མཐོང་སྙམ་པའི་ཐེ་ཚོམ་འདྲེན་བྱེད་ཀྱི་སྔོན་འཛིན་དབང་མངོན་ལྟ་བུའོ། །ཞེས་དང་། ཕྱི་མ་དེ་བཏགས་པ་བ་ཡིན་པའི་ཕྱིར་ཞེས་གསུངས་སོ། །
Domain ཚད་མ།

{{#arraymap:སྣང་བ་ཉིད་ཀྱང་གཞན་ལས་ངེས་ཀྱི་ཚད་མར་སོང་བ་

|; |@@@ | | }}