99475

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བ་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་སུམ་ཅུ་སོ་གསུམ་པ་ཏིང་ངེ་འཛིན་གྱི་ལེའུ་ལས་བྱུང་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སྣང་བ། སེམས་ཅན་གྱི་ཁམས་ཡང་དག་པར་བླངས་ཏེ་རྣམ་པར་བརྒྱན་ཅིང་བྱིན་གྱིས་བརླབས་པའི་སྣང་བ། གདུལ་ཞིང་བྱིན་གྱིས་བརླབས་པའི་སྣང་བས་སེམས་ཅན་ཐམས་ཅད་ཀྱི་སྣང་བ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་སྟོན་པས་མི་འཇིགས་པ་ཚད་མེད་པའི་སྣང་བ། ཆོས་ཐམས་ཅད་ལ་ཐ་དད་པར་བྱེད་པ་མེད་པས་ཐ་དད་པར་བྱེད་པ་མེད་པའི་སྣང་བ། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བར་ཁོང་དུ་ཆུད་པས་ཚུལ་ལ་འཇུག་པའི་སྣང་བ། ཆོས་ཐམས་ཅད་འདོད་ཆགས་དང་བྲལ་བ་མཉམ་པ་ཉིད་ཀྱིས་ཐ་དད་པར་བྱ་བ་མེད་པ་ལ་འཇུག་པའི་སྣང་བ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་རྒྱུན་མི་འཆད་པས་འགྲོ་བ་ཐམས་ཅད་ཀྱི་སྐྱབས་སུ་རྣམ་པར་འཕྲུལ་པའི་སྣང་བ། སངས་རྒྱས་ཐམས་ཅད་ཀྱི་ཁྱུ་མཆོག་གི་མཐུ་ཕྱུང་བ་ཕ་རོལ་ཏུ་ཕྱིན་པ་ཐོབ་པས་མུན་པ་ཤིན་ཏུ་བསལ་བའི་སྣང་བ། ཐམས་ཅད་ལ་གནས་པར་ཤིན་ཏུ་བསྟན་པ་ལ་མཁས་ཤིང་གཞོལ་བས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་སྣང་བའོ། །
Domain ཆོས་ལུགས།

{{#arraymap:སྣང་བ་བཅུ་

|; |@@@ | | }}