99493

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ (1)
Part of speech མིང་ཚིག
Definition སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ་ཞེས་པ་ནི། གཞན་ལས་ངེས་ཀྱི་ཚད་མ་གང་ཞིག་ལ། བློ་དེའི་སྣང་བའམ་སྣང་ཡུལ་གྱི་གཙོ་བོ་དེ་ལ་ངེས་པ་རང་སྟོབས་ཀྱི་འདྲེན་ལ། རང་ཡུལ་བདེན་པའམ་རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་དེ་རང་སྟོབས་གྱིས་མ་ངེས་པར་ཐ་སྙད་པའི་ཚད་མ་གཞན་ལ་བརྟེན་ནས་ངེས་དགོས་པ་ཞིག་ལ་ཟེར། དེ་ལྟར་ཡང་མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱིས་མཛད་པའི་དགའ་བྱང་བློ་རིག་གི་རྣམ་གཞག་ལེགས་བཤད་ཀུན་འདུས་ལུང་རིགས་ཀྱི་བང་མཛོད་ལས་དེའི་མཚན་གཞི་གཞག་པའི་ཚེ། དོན་ལ་མེའི་ཁ་དོག་ཡིན་ཞིང་མེའི་ཁ་དོག་ཡིན་མིན་ལ་ཐེ་ཚོམ་ཟ་དུས་ཀྱི་རྒྱང་རིང་པོའི་ཁ་དོག་དམར་ལམ་པ་འཛིན་པའི་དབང་མངོན་ལྟ་བུའོ་ཞེས་གསུངས་སོ། །
Domain ཚད་མ།

{{#arraymap:སྣང་བ་རང་ལས་ངེས་ཤིང་བདེན་པ་གཞན་ལས་ངེས་ཀྱི་ཚད་མ་

|; |@@@ | | }}