99504

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བཞི་འཆར་ཚུལ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། དེ་ཡང་རྩ་རྐྱང་མ་རླུང་དང་ཐིག་ལེར་བཅས་པ་དབུ་མར་འགགས་པས་སྣང་བ་དང་། རོ་མར་རླུང་དང་ཐིག་ལེར་བཅས་པ་འགགས་པས་མཆེད་པ་དང་། དབུ་མའང་དུང་ཅན་མར་ཐིམ་པས་ཐོབ་པ་དང་། དུང་ཅན་མ་ལ་གནས་པ་ནི་འོད་གསལ་བའོ། །དབུ་མ་དུང་ཅན་མར་འགགས་ཞེས་པའང་། དེ་གཉིས་ཀྱི་བྱེད་པ་རོ་གཅིག་ཏུ་འདྲེས་བཞིན་པའི་དོན་ཡིན་གྱི། སྟེང་ནས་འོོག་ཏུ་སྡིབ་པ་ལྟ་བུའི་དོན་མ་ཡིན་ནོ། །
Domain ཆོས་ལུགས།