99506

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བའི་དེ་ཁོ་ན་རྣམ་པ་དགུ་ (1)
Part of speech མིང་ཚིག
Definition མདོ་སྡེའི་རྒྱན་གྱི་བཤད་པ་ལས་བྱུང་བ་སྟེ། ང་རྒྱལ་མེད་པའི་སྣང་བའི་དེ་ཁོ་ན། ཕྱིན་ཅི་ལོག་གི་གཉེན་པོའི་སྣང་བའི་དེ་ཁོ་ན། ཉན་ཐོས་ཀྱི་ཐེག་པས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན། རགས་པས་ཡོངས་སུ་སྨིན་པར་བྱེད་ཅིང་ཕྲ་བས་རྣམ་པར་གྲོལ་བར་བྱེད་པའི་ཕྱིར་ཐེག་པ་ཆེན་པོས་ངེས་པར་འབྱུང་བ་སྣང་བའི་དེ་ཁོ་ན། དཔེ་ལ་བརྟེན་ཏེ་རིགས་པས་ཚར་གཅོད་པའི་ཕྱིར་ཕས་ཀྱི་རྒོལ་བ་ཚར་གཅོད་པ་སྣང་བའི་དེ་ཁོ་ན། ཐེག་པ་ཆེན་པོ་མངོན་པར་བརྗོད་པ་སྣང་བའི་དོ་ཁོ་ན། ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་སྣང་བའི་དེ་ཁོ་ན། མ་ནོར་བའི་དེ་བཞིན་ཉིད་མངོན་པར་བརྗོད་པ་སྣང་བའི་དེ་ཁོ་ན། བདག་ཏུ་འཛིན་པའི་གཞི་ལ་དགོངས་ནས་ཐམས་ཅད་རྟོགས་པ་སྣང་བའི་དེ་ཁོ་ནའོ། །
Domain ཆོས་ལུགས།