99514

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་བའི་འཕྲིན་ལས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ས་བཅུ་པ་ཐོབ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་རྒྱ་དང་མཉམ་པའི་པདྨ་རིན་པོ་ཆེ་དུ་མས་སྤྲས་པའི་གདན་ལ་བྱང་སེམས་རང་ཉིད་འདུག་ཅིང། དེའི་འཁོར་དུ་སྟོང་གསུམ་འབུམ་ཕྲག་བཅུའི་གདུལ་བྱའི་གྲངས་དང་མཉམ་པའི་པདྨ་ལ་ས་དགུ་པ་མན་ཆད་ཀྱི་བྱང་སེམས་བཞུགས་པས་བསྐོར་ཏེ་འདུག་པར་སྣང་བའོ། །བྱང་སེམས་དེའི་ཞབས་ཀྱི་མཐིལ་གཉིས་དང། པུས་མོའི་ལྷ་ང་གཉིས་དང། ལྟེ་བ་དང། རྩིབ་ལོགས་གཉིས་དང། ཕྱག་མཐིལ་གཉིས་ལ་འོད་ཟེར་འབུམ་ཕྲག་བཅུ་བཅུ་སྤྲོས་པས་རིམ་བཞིིན་དུ་འགྲོ་བ་ལྔའི་སྡུག་བསྔལ་རྣམས་ཞི་བར་མཛད་དོ། །ཕྲག་པ་གཉིས་དང། མགུལ་གཉིས་དང། ཞལ་ནས་འོད་ཟེར་གྲངས་མེད་འབུམ་ཕྲག་བཅུ་བཅུ་སྤྲོས་པས། ཉན་ཐོས་དང་རང་སངས་རྒྱས་དང་བྱང་སེམས་ཀྱི་གནས་སུ་སྣང་བར་བྱས་ནས་ཆོས་སྐུ་ཚད་མེད་པ་ཉེར་བར་བསྒྲུབ་པར་བྱེད་དོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།