99527

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་མུན་འོད་ཀྱི་བར་དོ་ (1)
Part of speech མིང་ཚིག
Definition ས་སྐྱ། ཞག་ཕྱེད་བཞི་ཡན་ཆད་སྣང་མུན་འོད་ཀྱི་བར་དོ་ཞེས་བྱ་བ་ཚེ་འདིའི་སྣང་བ་ཤས་ཆེ་བས། རང་ཡུལ་དུ་འོངས་ནས་གཏམ་སྨ་བ། ཟས་ཟ་བ་སོགས་བྱེད་ཀྱང། རྩ་རགས་པ་མེད་པས་ཅི་ཙམ་སྨྲས་ཀྱང་ཕ་རོལ་པོས་གོ་བར་མི་འགྱུར། ཡིད་ཀྱིས་མ་འོངས་པ་མི་ཤེས་ཤིང། ཟག་བཅས་ཀྱི་མངོན་ཤེས་ཀྱིས་འདས་པ་དང་ད་ལྟ་གྱི་རྣམ་པ་ཅི་རིགས་པ་ཤེས་ཤིང། ནོར་རྫས་ལ་ཆགས་སེམས་དང་བཅས་པས་གཞན་གྱིས་ལོངས་སྤྱད་པ་ལ་ཆགས་སྡང་དྲག་པོ་སྐྱེ། གཞན་ཡང་ས་རླུང་ལོག་པས་རི་བོ་གྲུམ་པའི་སྒྲ་ལྟ་བུ་རི་ཀླུང་ཐམས་ཅད་རྡེབ་འགྲོ་སྙམ་བྱེད། ཆུ་རླུང་ལོག་པས་ཆུ་བོ་ཆེན་པོ་རྦ་རླབས་འཁྲུགས་པའི་སྒྲ་དང་རི་ཀླུང་ཐམས་ཅད་ཆུས་གང་སྙམ་བྱེད་པ། མེ་རླུང་ལོག་པས་མེ་ཆེན་པོ་འབར་བའི་སྒྲ་ལྟ་བུ་སྣང་བ་ཐམས་ཅད་དམར་མེར་འབར་སྙམ་བྱེད། རླུང་གི་རླུང་ལོག་པས་ཕན་ཚུན་བརྡབས་པའི་སྒྲ་ལྟ་བུ་ཐམས་ཅད་རླུང་འཚུབ་ཏུ་འཕྱུར་སྙམ་བྱེད་དོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།