99543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་ཡང་གསང་བའི་བོན་ཉིད་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ལྷག་པའི་ཀུན་རྫོབ་ཅེས་བྱ་སྟེ། ལྷག་པའི་དོན་ནི། ཐེག་པ་འོག་མས་སྣང་སྲིད་འདི་དག་མི་བདེན་པའམ་བསླུ་བ་རྫུན་པར་འདོད་ཀྱང་འདིའི་ལུགས་སུ་སྣང་སྲིད་འདི་དག་ཡེ་ཤེས་ཀྱི་རོལ་པའམ་དེའི་རང་སྣང་ལྷ་དང་གཞལ་ཡས་སུ་སྣང་བར་བཞེད་དོ། །དེ་ལ་ཡང་གསང་བར་གྱུར་པའི་དོན་ནི། ཐེག་པ་འདིའི་ལུགས་ལ་སྣང་སྲིད་སྣོད་བཅུད་ཕུང་པོ་ཁམས་དང་སྐྱེ་མཆེད་ཐབས་ཅད་ལྷ་དང་གཞལ་ཡས་སོགས་སུ་སྣང་ཡང་འོག་མའམ་འཁོར་བའི་སེམས་ཅན་རྣམས་ལ་མ་རིག་པའི་དབང་གིས་དེ་ལྟར་མ་རྟོགས་པའམ་སྣང་བར་མི་ནུས་པའི་དོན་ནོ། །
Example མེ་ལོང་ལ་གཟུགས་བརྙན་འཆར་བར་མི་ནུས་པ་གཡའ་ཡིས་སྒྲིབ་པ་བཞིན་དུ་གསང་བར་བཞེད་དོ། །
Domain ལྟ་གྲུབ།