99545

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་རང་གི་འབྲེལ་ཟླའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་རང་བཞིན་བཀག་པ་རྟགས་སུ་བཀོད་ནས་དགག་བྱའི་ཆོས་དེ་འགོག་པའི་སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ། སྣང་རུང་གི་འབྲེལ་ཟླའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཞེས་བྱ་སྟེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། རང་བཞིན་མ་དམིགས་པའི་རྟགས་ལ་མཚན་ཉིད་དང་། མཚན་གཞི་ངོས་གཟུང་བ་གཉིས། དང་པོ་ནི། ཆོས་དེ་དེ་དམིགས་པའི་ཚད་མ་བཀག་པ་རྟགས་སུ་བཀོད་ནས་ཆོས་དེ་བཀག་ཙམ་དངོས་སུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར་དང། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྣང་རུང་གི་རྒྱུ་མ་དམིགས་པའི་ཚུལ་གསུམ་ཡིན་པ། སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེས་འོག་མ་རྣམས་ལ་རིགས་འགྲེ་ཞེས་དང་། བུམ་པ་ཚད་མས་མ་དམིགས་པ་དེ། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་སུ་བུམ་པ་མེད་པར་སྒྲུབ་པའི་གསུམ་པ་དང་། ཞེས་གསུངས་པའི་ཕྱིར།
Domain ཚད་མ།