From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ (1)
| Part of speech
|
མིང་ཚིག
|
| Definition
|
སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཀྱི་དབྱེ་བའི་ནང་གསེས། དགག་གཞི་དེར་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ཀྱང་སྐབས་ཀྱི་ཕྱི་རྒོལ་དེས་མངོན་སུམ་ལ་སྣང་དུ་མི་རུང་ནའང་དེའི་ཁྱབ་བྱེད་སྣང་དུ་རུང་བའི་འབྲེལ་ཟླ་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བའི་གཏན་ཚིགས། དེ་ཡང། པན་ཆེན་བསོད་ནམས་གྲགས་པ་མཆོག་གི རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེ་བཞི་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་སུ་འཆད་པའི་རྒྱུ་མཚན་ཡོད་དེ། དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པ་རྟགས་སུ་སྦྱར་བའི་ཚུལ་གསུམ་ཡིན་པའི་ཆ་ནས་ཡིན་པའི་ཕྱིར། བྱེ་བྲག་ཏུ་རྒྱུ་མ་དམིགས་པ་སོགས་འཆད་པའི་རྒྱུ་མཚན་ཡོད་དེ། དགག་བྱའི་ཆོས་ཀྱི་རྒྱུ་དང། ཁྱབ་བྱེད་དང། རང་བཞིན་དང་དངོས་འབྲས་བཀག་པ་བཞི་རྟགས་སུ་སྦྱར་བའི་ཚུལ་གསུམ་ཡིན་པའི་ཆ་ནས་ཡིན་པའི་ཕྱིར། འདིའི་རྟགས་སྦྱོར་ནི། ཁྱབ་བྱེད་མ་དམིགས་པ་ནི། ཤིང་མེད་ཀྱི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་བརྗོད་པའི་ཚེ་ན་དེ་ལྟ་བུའོ། །མདོར་ན་ཆོས་དེ་སྐབས་དེར་ཁྱོད་ཀྱིས་རྟོགས་ནུས་པ་གང་ཞིག་ལ་ཁྱོད་ཀྱིས་བཙལ་ནས་མ་རྟོགས་པ་དེས་ཆོས་དེ་མེད་པར་བསྟན་པ་ཞིག་ཡིན།
|
| Domain
|
ཚད་མ།
|
སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ (2)
| Part of speech
|
མིང་ཚིག
|
| Definition
|
སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱི་ནང་ཚན་ཞིག་སྟེ།
|
| Example
|
ཤིང་མེད་པའི་བྲག་རྫོང་ན་ཆོས་ཅན། ཤ་པ་མེད་དེ། ཤིང་མེད་པའི་ཕྱིར་ཞེས་པའི་རྟགས་དེ་ལྟ་བུའོ། །
|