99548
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་དགག་རྟགས་ཡང་དག་དེའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྐབས་བབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་གང་ཞིག་ལ་མི་སྣང་ནས་རྟགས་དེས་དགག་བྱའི་ཆོས་དང་ཁྱབ་ཆེ་བའི་ཁྱབ་བྱེད་དགག་པ་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། རྩ་བའི་དངོས་བསྟན་གྱི་སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་ལ་ངོ་བོ་རྒྱུ་འབྲས་གསུམ་དུ་ངེས་ཤིང་། ངོ་བོ་ལ་ཁྱབ་ཆུང་བ་དང་། ཆེ་བ་དང་། མཉམ་པ་གསུམ་དུ་ངེས་ལ། ཁྱབ་ཆུང་བ་བཀག་པས་འགོག་མི་ནུས་ཤིང་། ཁྱབ་ཆེ་བ་མངོན་སུམ་ལ་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་ཚེ། ཤིང་མེད་ཀྱི་བྲག་རྫོང་ན་ཆོས་ཅན། ཤ་བ་མེད་དེ། ཤིང་མེད་པའི་ཕྱིར། ཞེས་པ་ལྟ་བུ་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་འཇུག ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |