99549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་བབ་ཀྱི་ཕྱི་རྒོལ་གྱི་ངོར་དགག་གཞི་དེར་དགག་བྱའི་ཆོས་ཀྱི་ཁྱབ་ཆེ་བའི་འགལ་ཟླ་སྣང་དུ་རུང་ཡང་མི་སྣང་ནས་རྟགས་ཀྱི་དགག་པ་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་འཇུག་དུས་ཞེས་བྱ་སྟེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། གཞི་དེར་དགག་བྱའི་ཆོས་ཀྱི་ཁྱབ་ཆེ་བའི་འགལ་ཟླ་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་ཚེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན། ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་ལྟ་བུའི་ཁྱབ་བྱེད་འགལ་དམིགས་ཀྱི་རྟགས་ཡང་དག་འཇུག ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |