99551

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་རུང་གི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཀྱི་དབྱེ་བའི་ནང་གསེས། དགག་གཞི་དེར་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ཀྱང་སྐབས་ཀྱི་ཕྱི་རྒོལ་དེས་མངོན་སུམ་ལ་སྣང་དུ་མི་རུང་ནའང་དེའི་འབྲས་བུའི་ཁྱད་པར་དངོས་འབྲས་ཡོད་ན་སྣང་དུ་རུང་བས་དེ་ཉིད་བཀག་པ་རྟགས་སུ་སྦྱར་བའོ། པན་ཆེན་བསོད་ནམས་གྲགས་པ་མཆོག་གི རྣམ་འགྲེལ་དགོངས་པ་རབ་གསལ་ལས། དེ་བཞི་འབྲེལ་ཡུལ་མ་དམིགས་པའི་གཏན་ཚིགས་སུ་འཆད་པའི་རྒྱུ་མཚན་ཡོད་དེ། དགག་བྱའི་ཆོས་ཀྱི་འབྲེལ་ཟླ་བཀག་པ་རྟགས་སུ་སྦྱར་བའི་ཚུལ་གསུམ་ཡིན་པའི་ཆ་ནས་ཡིན་པའི་ཕྱིར། བྱེ་བྲག་ཏུ་རྒྱུ་མ་དམིགས་པ་སོགས་འཆད་པའི་རྒྱུ་མཚན་ཡོད་དེ། དགག་བྱའི་ཆོས་ཀྱི་རྒྱུ་དང། ཁྱབ་བྱེད་དང། རང་བཞིན་དང་དངོས་འབྲས་བཀག་པ་བཞི་རྟགས་སུ་སྦྱར་བའི་ཚུལ་གསུམ་ཡིན་པའི་ཆ་ནས་ཡིན་པའི་ཕྱིར། དངོས་འབྲས་མ་དམིགས་པ་ནི། དུ་བས་དབེན་པའི་རྡོ་ར་བླ་གབ་མེད་པ་ན་ཆོས་ཅན། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་དེེེ། དུ་བ་མེད་པའི་ཕྱིར། ཞེས་པ་ལྟར་བུའོ། །
Domain ཚད་མ།