99555
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་ཀྱི་ཕྱི་རྒོལ་གྱི་ངོར་དགག་གཞི་དེར་མ་དམིགས་པའི་རྟགས་ཡང་དག་དེའི་དགག་བྱའི་ཆོས་ཀྱི་འབྲས་བུ་འགལ་ཟླ་དེ་མངོན་སུམ་ལ་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། སྣང་རུང་གི་འབྲས་བུ་འགལ་དམིགས་ཀྱི་རྟགས་ཡང་དག་གི་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་གཞི་དེར་དགག་བྱའི་ཆོས་ཀྱི་འབྲས་བུ་འགལ་ཟླ་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཡང་དག་གིས་དགག་པ་བྱེད་པའི་ཚེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན། གྲང་རེག་གི་དངོས་རྒྱུའི་ནུས་པ་མཐུ་ཅན་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་ལྟ་བུའི་འབྲས་བུ་འགལ་དམིགས་ཀྱི་རྟགས་ཡང་དག་འཇུག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |