99556

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་བཀག་པ་རྟགས་སུ་བཀོད་ནས་དགག་བྱའི་ཆོས་དེ་འགོག་པའི་སྣང་རུང་མ་དམིགས་པའི་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ལ་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཅེས་བྱ་སྟེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་དང་། སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། མཚན་ཉིད་རིམ་པ་ལྟར། དེ་སྒྲུབ་ཀྱི་སྣང་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། མེད་དགག་ཀྱང་ཡིན་པའི་གཞི་མཐུན་པ་དེ། དང་པོའི་མཚན་ཉིད། དབྱེ་ན། སྣང་རུང་གི་རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་དང་བཞི། ཞེས་གསུངས་པའི་ཕྱིར།
Domain ཚད་མ།
སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཀྱང་ཡིན། མེད་དགག་ཀྱང་ཡིན་པའི་གཞི་མཐུན་པ་དེ། དེ་ལ༌སྣང་རུང་གི་རྒྱུ། ཁྱབ་བྱེད། རང་བཞིན། དངོས་འབྲས་མ་དམིགས་པའི་རྟགས་དང་བཞི་ཡོད།