99557
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྟགས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་ཁྱབ་བྱེད་བཀག་པ་རྟགས་སུ་བཀོད་ནས་དགག་བྱའི་ཆོས་དེ་འགོག་པའི་སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ། སྣང་རུང་གི་འབྲེལ་ཟླའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཅེས་བྱ་སྟེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཆོས་དེའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་བཀོད་ནས་ཆོས་དེ་དངོས་སུ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་ཤིང་གིས་དག་པའི་བྲག་རྫོང་ན་ཤ་བ་མེད་པར་སྒྲུབ་པ་ལ་ཤིང་མ་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་དང། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྣང་རུང་གི་རྒྱུ་མ་དམིགས་པའི་ཚུལ་གསུམ་ཡིན་པ། སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེས་འོག་མ་རྣམས་ལ་རིགས་འགྲེ། མཚན་གཞི་རིམ་པ་ལྟར་མེ་མེད་པ་དེ་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དང་པོ་དང་། ཤིང་མེད་པ་དེ། ཤིང་ཚད་མས་མ་དམིགས་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་གཉིས་པ་ཡིན། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |