99558

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་རུང་གི་འབྲེལ་ཟླའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་དངོས་འབྲས་བཀག་པ་རྟགས་སུ་བཀོད་ནས་དགག་བྱའི་ཆོས་དེ་འགོག་པའི་སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ། སྣང་རུང་གི་འབྲེལ་ཟླའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ཅེས་བྱ་སྟེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཆོས་དེ་མ་དམིགས་པ་རྟགས་སུ་བཀོད་ནས་ཆོས་དེའི་དངོས་རྒྱུའི་ནུས་པ་ཐོགས་མེད་བཀག་པའི་མེད་དགག་དངོས་སུ་སྒྲུབ་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དཔེར་ན་དུ་བས་དབེན་པའི་རྭ་བ་ན། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པ་ལ་དུ་བ་མ་དམིགས་པ་རྟགས་སུ་བཀོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་དང། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། སྣང་རུང་གི་རྒྱུ་མ་དམིགས་པའི་ཚུལ་གསུམ་ཡིན་པ། སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེས་འོག་མ་རྣམས་ལ་རིགས་འགྲེ་ཞེས་དང་། དངོས་འབྲས་དུ་བ་མེད་པ་དེ། དུ་བས་དབེན་པའི་རྩིག་སྐོར་དུ་དུ་བའི་དངོས་རྒྱུ་མེད་པར་སྒྲུབ་པའི་བཞི་པ་ཡིན། ཞེས་གསུངས་པའི་ཕྱིར།
Domain ཚད་མ།