99559

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་རུང་གི་འབྲེལ་ཟླའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རྟགས་དེའི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་རྒྱུ་བཀག་པ་རྟགས་སུ་བཀོད་ནས་དགག་བྱའི་ཆོས་དེ་འགོག་པའི་སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་ཚུལ་གསུམ་ཡིན་པ་དེ། སྣང་རུང་གི་འབྲེལ་ཟླའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཞེ་བྱ་ཏེ། མཁས་གྲུབ་སྨྲ་བའི་ཉི་མ་དགེ་ལེགས་དཔལ་བཟང་པོ་མཆོག་གིས་མཛད་པའི་ཚད་མ་ཡིད་ཀྱི་མུན་སེལ་ལས། འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་དང་། འགལ་ཟླ་དམིགས་པའི་རྟགས་ཡང་དག་གཉིས། དང་པོའི་མཚན་ཉིིད། ཆོས་དེའི་འབྲེལ་ཡུལ་བཀག་པ་རྟགས་སུ་བཀོད་ནས་ཆོས་དེ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས། དེ་ལ་དབྱེ་ན། རྒྱུ་དང་། ཁྱབ་བྱེད་དང། རང་བཞིན་དང་། དངོས་འབྲས་མ་དམིགས་པའི་རྟགས་དང་བཞི། དང་པོའི་མཚན་ཉིད། ཆོས་དེའི་རྒྱུ་བཀག་པ་རྟགས་སུ་བཀོད་ནས་ཆོས་དེ་དངོས་སུ་འགོག་པ་ལ་ཚུལ་གསུམ་ཚང་བའི་གཏན་ཚིགས།
Example སྔོ་འཕྱུར་བ་དང་ལྡན་པའི་མཚན་མོའི་རྒྱ་མཚོ་དུ་མེད་དུ་སྒྲུབ་པ་ལ། མེ་མེད་རྟགས་སུ་བཀོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་དང། དགའ་བྱང་རྟགས་རིགས་མཐའ་དཔྱོད་ལས། སྣང་རུང་གི་རྒྱུ་མ་དམིགས་པའི་ཚུལ་གསུམ་ཡིན་པ། སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། མཚན་གཞི་རིམ་པ་ལྟར་མེ་མེད་པ་དེ་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་དང་པོ་དང་། ཞེས་གསུངས་པའི་ཕྱིར།
Domain ཚད་མ།