99560
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་མ་ཟད། དགག་གཞི་དེར་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ནས་རྟགས་ཀྱིས་དགག་པའི་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། རྩ་བའི་དངོས་བསྟན་གྱི་སྣང་རུང་གི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་བྱའི་ཆོས་སུ་བཏགས་པའི་དོན། ཕྱིར་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་ལ་ཡང། དགག་གཞི་དེར་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་བ་དང་མི་རུང་བ་གཉིས་སུ་ངེས་པ་ལས། རུང་ནས་རྟགས་ཀྱིས་དགག་པ་བྱེད་པ་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བུམ་པ་མེད་དེ། བུམ་པ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པ་ལྟ་བུའི་རང་བཞིན་མ་དམིགས་པའི་གཏན་ཚིགས་འཇུག ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |