99563
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགག་རྟགས་དེའི་དགག་བྱའི་ཆོས་ཀྱི་འགལ་ཟླ་དངོས་དེ་དགག་གཞི་དེར་སྐབས་བབ་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ཡང་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། སྣང་རུང་གི་རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་རྟགས་ཡང་དག་གི་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་གཞི་དེར་དགག་བྱའི་ཆོས་ཀྱི་འགལ་ཟླ་སྣང་དུ་རུང་ནས་རྟགས་ཀྱིས་དགག་པ་བྱེད་པ་ལ། འབྲེལ་ཡུལ་ལ་ངོ་བོ་རྒྱུ་འབྲས་གསུམ་དུ་ངེས་པ་བཞིན་དུ། འགལ་ཟླ་ལ་ཡང་ངོ་བོ་རྒྱུ་འབྲས་ཀྱི་འགལ་ཟླ་གསུམ་དུ་ངེས་ལ། ངོ་བོའི་འགལ་ཟླ་ལ་ཡང་ཁྱབ་མཉམ་པ་དང་། ཁྱབ་ཆེ་བའི་འགལ་ཟླ་གཉིས་སུ་ངེས་ལ། དང་པོ་ལ་ཡང། རང་གི་འགལ་ཟླ་དངོས་དང་། འགལ་ཟླའི་འབྲས་བུ་གཉིས་སུ་ངེས་ལ། རང་གི་འགལ་ཟླ་དངོས་སྣང་དུ་རུང་བས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་ཚེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་ཡུན་རིང་དུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པ་ལྟ་བུའི་རང་བཞིན་འགལ་དམིགས་ཀྱི་རྟགས་ཡང་དག་འཇུག ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |