99565

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition སྣང་རུང་གི་འབྲེལ་ཡུལ་མ་དམིགས་པའི་རྟགས་ཀྱི་དབྱེ་བའི་ནང་གསེས། དགག་གཞི་ཡི་སྟེང་དུ་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཡོད་ཀྱང་སྐབས་ཀྱི་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་མི་རུང་ཞིང་དེའི་རྒྱུ་ཡོད་ན་མངོན་སུམ་ལ་སྣང་དུ་རུང་བའི་རྒྱུ་བཀག་པ་རྟགས་སུ་སྦྱར་བ། པཎ་ཆེན་བསོད་ནམས་གྲགས་པ་མཆོག་གི རྣམ་འགྲེལ་དགོངས་པ་རབ་གསལ་ལས། དགག་བྱའི་ཆོས་ཀྱི་རྒྱུ་ཕྱི་རྒོལ་གྱི་མངོན་སུམ་ལ་སྣང་དུ་རུང་ན། རྒྱུ་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དང།
Example མེ་མེད་མཚན་མོའི་རྒྱ་མཚོ་ན་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་བརྗོད་པའི་ཚེ་ན་དེ་ལྟ་བུའོ། །
Domain ཚད་མ།
སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཀྱི་ནང་ཚན་ཞིག་སྟེ།
Example མེ་མེད་པའི་མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར་ཞེས་བཀོད་པའི་ཚེ་མེ་མེད་པ་ལྟ་བུ།