99566
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དེ་སྒྲུབ་ཀྱི་སྐབས་བབ་ཀྱི་ཕྱི་རྒོལ་ཡང་དག་གི་ངོར་དགག་གཞི་དེར་དགག་རྟགས་ཡང་དག་དེའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེའི་རྒྱུ་དེ་མངོན་སུམ་ལ་སྣང་རུང་གི་བྱེ་བྲག་ལ་ལྟོས་ནས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། སྣང་རུང་གི་རྒྱུ་མ་དམིགས་པའི་རྟགས་ཡང་དག་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་གཞི་དེར་དགག་བྱའི་ཆོས་ཀྱི་རྒྱུ་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱས་ཚེ། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། དུ་བ་མེད་དེ། མེ་མེད་པའི་ཕྱིར། ཞེས་པ་ལྟ་བུ་རྒྱུ་མ་དམིགས་པའི་གཏན་ཚིགས་འཇུག་གོ། ཞེས་གསུངས་པའི་ཕྱིར། |
| Domain | ཚད་མ། |