99567
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྐབས་བབ་ཀྱི་ཕྱིར་རྒོལ་ཡང་དག་གི་ངོར་དགག་གཞི་དེར་དགག་རྟགས་ཡང་དག་དེའི་དགག་བྱའི་ཆོས་ཀྱི་རྒྱུའི་འགལ་ཟླ་དངོས་དེ་མངོན་སུམ་ལ་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཀྱིས་དགག་པ་བྱེད་པའི་དུས་སུ་བཀོད་པའི་མ་དམིགས་པའི་རྟགས་ཡང་དག་འཇུག་པའི་དུས་དེ། སྣང་རུང་གི་རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག་འཇུག་དུས་ཡིན་ཏེ། དེ་ཡང་དགའ་བྱང་ཡིག་ཆ་རྗེ་བཙུན་རྣམ་འགྲེལ་ལས། དགག་བྱའི་ཆོས་ཀྱི་རྒྱུའི་འགལ་ཟླ་དངོས་དང། འགལ་ཟླའི་འབྲས་བུ་རྟགས་སུ་བཀོད་པ་གཉིས་ལས། དགག་གཞི་དེར་དགག་བྱའི་ཆོས་ཀྱི་རྒྱུའི་འགལ་ཟླ་དངོས་སྣང་དུ་རུང་ནས་མི་སྣང་ནས་རྟགས་ཀྱི་དགག་པ་བྱེད་ཚེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་གཞིར་ཆོས་ཅན། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ཞེས་པ་ལྟ་བུའི་རྒྱུ་འགལ་དམིགས་ཀྱི་རྟགས་ཡང་དག་འཇུག ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |