9958
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྱེ་བྲག་སྨྲ་བ། གཟུགས་ཁམས་རྟེན་ཅན་གྱིས་སྤྲུལ་པའི་སྤྲུལ་པ་ལ་གཟུགས་ཀྱི་སས་བསྡུས་གཉིས་དང་འདོད་པའི་སས་བསྡུས་གཉིས་ཏེ་བཞིའོ། །དེ་ཡང་གཟུགས་ཁམས་རྟེན་ཅན་གྱིས་གཟུགས་ཀྱི་སས་བསྡུས་ཀྱི་གཟུགས་རེག་སྐྱེ་མཆེད་གང་རུང་སྤྲུལ་གཞིར་བྱས་པའི་སྤྲུལ་པ་ལ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་གཉིས། ཡང་གཟུགས་ཁམས་རྟེན་ཅན་དེས་འདོད་པའི་སས་བསྡུས་ཀྱི་སྐྱེ་མཆེད་སྤྲུལ་གཞིར་བྱས་པའི་སྤྲུལ་པ་ལ་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་གཉིས་ཏེ་བཞི་ཡིན་ཏེ། སེར་སྨད་རྒྱལ་དབང་མཛོད་ལས། དེ་བཞིན་དུ་རྟེན་གོང་མ་བས་རང་གཞན་གྱི་ལུས་དང་འབྲེལ་བའི་རང་སའི་སྤྲུལ་པ་གཉིས་དང༌། རང་ལུས་ལ་མངོན་དུ་གྱུར་པའི་འདོད་པའི་རེག་བྱ་ཉིད་སྤྲུལ་གཞིར་བྱས་ནས་འདོད་པའི་སྐྱེ་མཆེད་བཞི་པོ་དེ་དང་དེར་སྤྲུལ་པའི་རང་ལུས་དང་འབྲེལ་བའི་སྤྲུལ་པ་དང༌། རང་ལུས་ལ་མངོན་དུ་མ་གྱུར་པའི་འདོད་པའི་སྐྱེ་མཆེད་བཞི་སྤྲུལ་གཞིར་བྱས་ནས་འདོད་པའི་སྐྱེ་མཆེད་དེ་དང་དེར་སྤྲུལ་པ་དེ་གཞན་ལུས་དང་འབྲེལ་བའི་སྤྲུལ་པ་སྟེ་སྤྱིར་འདོད་གཟུགས་བསྡོམས་པའི་སྤྲུལ་པ་རྣམ་པ་བརྒྱད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |