99581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣང་ལ་མ་རྟོགས་པའི་བློ་ (1)
Part of speech མིང་ཚིག
Definition ཚད་མིན་བློ་ལ་ལྔར་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། སྣང་ལ་མ་རྟོགས་པའི་བློའི་མཚན་ཉིད། རང་མཚན་སྣང་ཞིང་དེ་ལ་སྒྲོ་འདོགས་གཅོད་མི་ནུས་པ། དབྱེ་ན། འཁྲུལ་བའི་རྒྱུ་མཚན་གྱིས་སྣང་ལ་མ་རྟོགས་པ་དང༌། ཡིད་མ་གཏད་པའི་རྒྱུ་མཚན་གྱིས་སྣང་ལ་མ་རྟོགས་པའི་བློ་གཉིས། ཞེས་གསུངས།
Domain ཚད་མ།