From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གཟུགས་རྣམ་པ་གཉིས་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས་བྱུང་བ་སྟེ། འབྱུང་བའི་གཟུགས་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་བཞིའོ། །འབྱུང་བ་ལས་གྱུར་པའི་གཟུགས་ནི་ཁ་དོག་དང་། དྲི་དང་། རོ་དང་། རེག་པ་དང་བཞིའོ། །
|
| Domain
|
ཆོས་ལུགས།
|
གཟུགས་རྣམ་པ་གཉིས་ (2)
| Part of speech
|
མིང་ཚིག
|
| Definition
|
འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། བདག་པོའི་དོན་གྱིས་དབང་པོའི་གཟུགས། དབང་པོ་མ་ཡིན་པའི་གཟུགས་ཉི་ཤུ་རྩ་གཉིས།
|
གཟུགས་རྣམ་པ་གཉིས་ (3)
| Part of speech
|
མིང་ཚིག
|
| Definition
|
རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། ནང་གི་གཟུགས། ཕྱི་རོལ་གྱི་གཟུགས་སོ། །
|
གཟུགས་རྣམ་པ་གཉིས་ (4)
| Part of speech
|
མིང་ཚིག
|
| Definition
|
ཕུང་པོ་ལྔའི་བཤད་པ་ལས་བྱུང་བ་སྟེ། དེ་ལ་འབྱུང་བ་ཆེན་པོ་བཞི་ཞེས་བྱ་བས་རྒྱུའི་གཟུགས་བསྟན་ཏེ། གཟུགས་ཐམས་ཅད་ཀྱི་རྒྱུ་ནི་འབྱུང་བ་ཆེན་པོ་བཞི་ཡིན་པའི་ཕྱིར་རོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའི་གཟུགས་ཞེས་བྱ་བས་འབྲས་བུའི་གཟུགས་བསྟན་ཏོ། །
|