99635
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། ཆོས་གོས་རྣམ་གསུམ་གྱི་ཡ་གྱལ་ཏེ། དགེ་སློང་གིས་སྟོད་དུ་བགོ་བའི་གོས་ཤིག ཚད་ལ་ཆེ་ཚད་ནི། ཞེང་དུ་ཁྲུ་གསུམ། ཆུར་ཁྲུ་ལྔའོ། །ཆུང་ཚད་ནི། ཞེང་དུ་ཁྲུ་ཕྱེད་དང་གསུམ། ཆུར་ཕྱེད་དང་ལྔའོ། །འབྲིང་ཚད་ནི། དེ་གཉིས་ཀྱི་བར་རོ། །སྒྲ་བཤད་ནི། སྣམ་ཕྲན་གྱི་གླེགས་བུ་སྦྱར་བའི་སྟོད་དུ་བགོ་བའི་གོས་ཡིན་པས་དེ་སྐད་ཅེས་བྱ། ཡང་འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། སྣམ་སྦྱར་ཞེས་བྱ་བ་ནི་སྣམ་བུར་དྲས་ཤིང་སྦྱར་བའི་ཆོས་གོས་ཏེ། དགེ་སློང་ཁོ་ནས་རྟེན་ལ་ཕྱག་འཚལ་ཞིང་། བསོད་སྙོམས་རྒྱུ་བ། ཆོས་འཆད་ཉན་དང་། ལས་ཆོག་ལ་འདུས་པའི་སྐབས་སུ་གྱོན་པ་དང་མཚན་མོར་སྔས་ཀྱི་ཚབ་ཏུ་བེད་སྤྱོད་གནང་གི་ཡོད་པར་སྣང་སྟེ། འདུལ་བ་ལུང་གཞི་༼ ག་པ ༽ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཅང་མི་སྨྲ་བས་ཁས་བླངས་པར་ཐུགས་སུ་ཆུད་ནས། སྣམ་སྦྱར་བལྟབ་སྟེ་སྔས་ཕངས་སུ་བཅུག་ནས་གློ་གཡས་པ་ཕབ་སྟེ། ཞབས་ཀྱི་སྟེང་དུ་ཞབས་བཞག་ནས་སྣང་བའི་འདུ་ཤེས་དང༌། དྲན་པ་དང༌། ཤེས་བཞིན་དང་ལྡང་བའི་འདུ་ཤེས་ཁོ་ན་ཡིད་ལ་མཛད་པས་མནལ་ཏོ། །ཞེས་གསུངས་པ་ལྟར་རོ། ། |
| Domain | ཆོས་ལུགས། |