99637

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
སྣམ་སྦྱར་གྱི་ཚད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། རབ་སྐོར་གསུམ་ལ་དཔངས་སུ་ཁྲུ་གསུམ། སྲིད་དུ་ཁྲུ་ལྔ། ཆུང་ངུ་སྐོར་གསུམ་ལ་དཔངས་སུ་ཁྲུ་ཕྱེད་དང་གསུམ། སྲིད་དུ་ཁྲུ་ཕྱེད་དང་ལྔ། འབྲིང་སྐོར་གསུམ་ལ་ནི་དཔངས་སུ་ཁྲུ་ཕྱེད་དང་གསུམ་ལས་ཅུང་ཟད་ཀྱིས་ལྷག་པ་དང། སྲིད་དུ་ཁྲུ་ཕྱེད་དང་ལྔ་ལས་ཅུང་ཟད་ཀྱིས་ལྷག་པ་ནས་བཟུང། དཔངས་སུ་ཁྲུ་གསུམ་པ་ལས་ཅུང་ཟད་ཀྱི་ཆོག་པ་དང། སྲིད་དུ་ཁྲུ་ལྔ་ལས་ཅུང་ཟད་ཀྱི་མ་ཆོག་པའི་བར་ཅི་རིགས་པ་ཡིན་ཏེ། ཇི་སྐད་དུ། བྱིན་གྱིས་རླབས་སུ་རུང་བ་ཆེན་པོ་དག་ནི་རང་གི་ཁྲུ་གསུམ་དང་ལྔ་དག་གོ ། ཆུང་ངུ་དག་ནི་གཉིས་ཀ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བའོ། །འབྲིང་རྣམས་ཀྱི་ཚད་ནི་བར་མའོ། །ཞེས་དང། ས་གའི་ལྷས་ཀྱང་དེ་བཞིན་དུ་བཤད་དོ། །མཆན་ཁུང་གཡས་པའི་དྲོད་ཀྱི་སྣམ་སྦྱར་ཆུད་མི་ཟ་བར་བྱ་བའི་ཕྱིར་སྣམ་སྦྱར་གྱི་ལོགས་ལ་ཞེང་དུ་མཐོ་གང་དང། སྲིད་དུ་ཁྲུ་ཕྱེད་དང་དོ་ཡོད་པའི་གོས་ཀྱིས་ལྷན་པ་བྱ་བ་ཡིན་ཏེ། ཕྱོགས་དེར་དེ་ལ་གོས་བསླན་པར་བྱ་བའོ། །ཁྲུ་ཕྱེད་དང་དོ་དང་མཐོ་གང་ངོ། །ཞེས་སོ། གྱོན་པའི་དུས་ནི་གྲོང་དུ་བསོད་སྙོམས་ལ་རྒྱུ་བ་དང། དཀོན་མཆོག་ལ་ཕྱག་འཚལ་བ་དང། དགེ་འདུན་ལ་ལས་ཀྱི་ཆོ་ག་ལ་སོགས་པ་དང། ཆོས་བཤད་ཉམས་སུ་མྱོང་བའི་དུས་སུ་གྱོན་པར་བྱ་བ་ཡིན་གྱིས། གཞན་དུ་ནི་མ་ཡིན་ཏེ། ཇི་སྐད་དུ། བསོད་སྙོམས་ལ་རྒྱུ་བ་དང། མཆོད་སྟོན་དང། མཆོད་རྟེན་ལ་ཕྱག་བྱ་བ་དང། རྗེས་བྱ་བ་དང། དགེ་འདུན་ཚོགས་པ་དང། གདམ་ངག་དང། ཆོས་ཉན་པ་རྣམས་སུ་མྱོང་བ་ལས་གཞན་པའི་བྱ་བ་ལ་སྣམ་སྦྱར་བགོ་བར་མི་བྱའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།