99644
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། དབང་པོ་ལྔའི་ནང་གསེས། རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མ་ཡིན་པའི་རྟེན་ནམ་བདག་རྐྱེན་དུ་གྱུར་པའི་རིགས་སུ་གནས་པའི་ནང་གི་གཟུགས་ཅན་དྭངས་པ། དབང་པོ་ཉི་ཤུ་རྩ་གཉིས་ཀྱི་ནང་གསེས་ཤིག དོན་བཞི་ལ་དབང་བྱེད་པས་ན་དབང་པོ་སྟེ། ཁམ་གྱི་ཟས་ལ་ཡོངས་སུ་ལོངས་སྤྱོད་པའི་ཕྱིར་དང་། ལུས་ཡོངས་སུ་བསྲུང་བ་ལ་དབང་བྱེད་པ་དང་། སྣའི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པ་སྐྱེད་བྱེད་པ། དྲི་བསྣམས་པའི་ཐུན་མོང་མ་ཡིན་པའི་རྒྱུ་ཉིད་ལ་དབང་བྱེད་པའོ། ། |
| Domain | ཆོས་ལུགས། |